Русские видео

Сейчас в тренде

Иностранные видео


Скачать с ютуб བསྟན་སྲུང་ = སངས་རྒྱས་ཀྱི་བསྟན་པ་སྲུང་མཁན།དང་བླངས་ = དང་དུ་བླངས་མཁན་ volunteerདམག་མི་ = warrior how? в хорошем качестве

བསྟན་སྲུང་ = སངས་རྒྱས་ཀྱི་བསྟན་པ་སྲུང་མཁན།དང་བླངས་ = དང་དུ་བླངས་མཁན་ volunteerདམག་མི་ = warrior how? 3 недели назад


Если кнопки скачивания не загрузились НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием, пожалуйста напишите в поддержку по адресу внизу страницы.
Спасибо за использование сервиса savevideohd.ru



བསྟན་སྲུང་ = སངས་རྒྱས་ཀྱི་བསྟན་པ་སྲུང་མཁན།དང་བླངས་ = དང་དུ་བླངས་མཁན་ volunteerདམག་མི་ = warrior how?

འདི་ཚོ་ངེས་པར་དུ་ཤེས་དགོས། ༡། བསྟན་སྲུང་དང་བླངས་དམག་ཁོངས་སུ་མདོ་དབུས་ཁམས་གསུམ་གྱི་མི་ཡོད་པ་དང་། ཨ་ཀྲུག་མགོན་པོ་བཀྲ་ཤིས་དང་ཕ་ལྷ་མགྲོན་གཉེར་ཆེན་མོའི་མཛུབ་སྟོན་འོག་བོད་དབུས་ལྷོ་ཁ་ཁུལ་དུ་དངོས་སུ་དབུ་བརྙེས་པ་རེད། འགྲོ་གྲོན་བོད་གཞུང་དང་། ཨ་རིའི་གསང་བའི་ལས་ཁུངས། སེ་འབྲས་དགའ་གསུམ། མདོ་དབུས་ཁམས་གསུམ་གྱིས་མིས་བཏང་ཡོད། ཁམས་ཁུལ་དུ་བསྟན་སྲུང་དང་བླངས་དམག་ཟེར་བ་ཞིག་གཏན་ནས་འཛུགས་མྱོང་མེད། ཆུ་བཞི་སྒང་དྲུག་ནི་མདོ་སྟོད་ཁོ་ནའི་སྒྲིག་འཛུགས་ཤིག་རེད། དེར་བརྟེན་བསྟན་སྲུང་དང་བླངས་དམག་དང་ཆུ་བཞི་སྒང་དྲུག་གཉིས་ལོགས་བཀར་ཡིན་པ་ཤེས་དགོས།(ཆུ་སྒང་ལའང་གསར་རྙིང་གཉིས་ཡོད།) ༢། ༡༩༥༩ ལོར་བཙན་བྱོལ་ལ་སླེབས་པ་ནས་ ༡༩༧༩ བར་༸རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གིས་རང་བཙན་གཙང་མའི་ཐོག་ཤར་བསྐྱོད་གནང་བ་རེད། ཆུ་བཞི་སྒང་དྲུག་གི་ཁོངས་མི་ཡིན་ཟེར་མཁན་འབོར་ཆེན་གྱིས་གོ་མིན་ཏང་ལ་མགོ་རྟགས་ཞུས། ཐེའི་ཝེན་གྱི་ཕོགས་བཟས་ཏེ། བོད་དོན་མདེན་མཐའ་སེལ་རྒྱུར་དངོས་ཤུགས་བརྒྱུད་གསུམ་ནས་འགོག་རྐྱེན་བཟོས་པ་རེད། ༣། ༡༩༧༩ རྗེས་༸རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་སྟེ། བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་གནང་བ་རེད། ཡང་ཆུ་བཞི་སྒང་དྲུག་གི་ཁོངས་མི་ཡིན་ཟེར་མཁན་སྐབས་འཚོལ་བ་འགའ་ཞིག་གིས་རང་བཙན་ཁ་ལ་འཁྱེར་ཞིང་། རྒྱའི་གཞུང་ཚབ་བརྒྱུད་རྒྱུ་དངོས་ཀྱི་ཁེ་ཕན་རག་ཐབས་བྱས་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་དཀྲུག་པ་དང་། བོད་མིའི་སྒྲིག་འཛུགས་གཏོར་བཤིག་གཏོང་རྒྱུའི་ལས་བརྩམས་དང་རྩོམ་མུས་རེད། ༤། ད་ནི་དངོས་སུ་རྒྱ་གཞུང་གི་འབོད་སྒྲ་སྒྲོག་ནས། ཁོང་ཚོའི་"ཐོག་མའི་དམིགས་ཡུལ་"སྒྲུབ་རྒྱུའི་འཆར་གཞི་འཐེན་བཞིན་ཡོད། དེ་ནི་བོད་གཞུང་དགའ་ལྡན་ཕོ་བྲང་ལས་་ལོགས་སུ་གྱེས་ཏེ་"རང་རྒྱལ་" ཞིག་འཛུགས་ཐབས་བྱ་རྒྱུ་དེ་ཡིན། ༥། བསྟན་སྲུང་དང་བླངས་དམག་གི་བྱས་རྗེས་ལ་གུས་བརྩི་ཡོད་ཀྱང་། ཆུ་བཞི་སྒང་དྲུག་ཟེར་བའི་ཁོངས་མི་དེ་ཚོའི་སྡིག་ཉེས་ནམ་མཁར་གཤོང་ཐབས་མེད་པས། གནས་དུས་ཚོད་རྩིས་བྱེད་མཁན་ཚོ་ང་ཚོས་ངོ་ཤེས་པ་བྱེད་དགོས། #exile #voice #awareness #tibetan #vlog #politics #2024 #karma #parliament #tpie #tibet #tibetanculture #tibetanmusic #tibetanvlogger Tibetan women, Tibetan video, Tibetan community, Exile voice, Sexual awareness in tibetan community, Tibetan vlog, Tibetan youtube, Tibetan blog, Tibetan parliament exile, Tibet parliament news, Tibetan women's right, Tibetan victim, sexual assault, Acharya Yeshi Phuntsok, Tenzin freedom Lungtok, Tamtse tsering tenzin, Tenzin yeshi prime time, Sonam dhondup Toronto, One tibet, Tibetan vlogger,

Comments