Русские видео

Сейчас в тренде

Иностранные видео


Скачать с ютуб Ngour Chon Dayangs Song | new Ladakhi song 2023 |remembering Late H.e. Jetsun Lobsang Tsultrim song в хорошем качестве

Ngour Chon Dayangs Song | new Ladakhi song 2023 |remembering Late H.e. Jetsun Lobsang Tsultrim song 11 месяцев назад


Если кнопки скачивания не загрузились НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием, пожалуйста напишите в поддержку по адресу внизу страницы.
Спасибо за использование сервиса savevideohd.ru



Ngour Chon Dayangs Song | new Ladakhi song 2023 |remembering Late H.e. Jetsun Lobsang Tsultrim song

བསྟན་ལ་རབ་བྱུང་ཐོས་བསམ་ཕ་མཐར་ཕྱིན།། ཞི་དུལ་སྤྱོད་པ་དམ་པའི་དཔལ་དུ་གྱུར།། བློ་གྲོས་བཟང་པོས་ཚུལ་ཁྲིམས་རྣམ་པར་དག། བསྟན་དང་འགྲོ་བའི་དཔལ་དུ་མྱུར་བྱོན་ཤོག། བཀའ་དྲིན་ལྷག་པར་དུ་ཆེ་བའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་ཡོངས་འཛིན་ལུང་རིགས་སྨྲ་བའི་ཁྱུ་མཆོག་འདྲེན་མཆོག་མཚུངས་ཟླ་མ་མཆིས་པ་རྒྱུད་སྨད་བླ་མ་དབུ་མཛད་༧རྗེ་བཙུན་བློ་བཟང་ཚུལ་ཁྲིམས་དཔལ་བཟང་པོ་མཆོག་དགོངས་པ་ཞི་བར་གཤེགས་ཀྱང་དད་ལྡན་རྣམས་ཀྱི་མཆོད་པའི་རྟེན་དུ་སྐུ་གདུང་དངོས་སུ་བཞུགས་སུ་གསོལ་བ་འདི་ནི་དམིགས་བསལ་དུ་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་བཀའ་ལུང་སྤྱི་བོར་ནོད་པ་ལས་བྱུང་ནས། དགེ་རིན་པོ་ཆེ་མཆོག་གི་སྐུ་གདུང་རིན་པོ་ཆེ་རབ་གནས་ལེགས་པར་འགྲུབ་ནས་ཟངས་དཀར་ཡུལ་ཁམས་ཀྱི་མཆོད་པའི་རྟེན་དུ་ཞུ་རྒྱུ་གཏན་ཁེལ་བའི་གཏམ་བཟང་པོས་ཐོས་པས་བདག་ཅག་ཡོངས་ནས་དགའ་་དད་སྤྲོ་གསུམ་གྱི་ངང་ནས་མཆོད་པའི་སྒྲ་དབྱངས་ཚུལ་དུ་༼མྱུར་བྱོན་སྒྲ་དབྱངས་༽ཞེས་བྲིས་པས་ཀུན་གྱི་རྣ་ལམ་དུ་སྙན་པ་དང་སེམས་ལ་དགའ་བའི་རེ་བ་དང་བཅས་སླར་ཡང་བསྟན་པ་དང་སློབ་འབངས་ཡོངས་ཀྱི་དོན་དུ་མྱུར་བྱོན་ཡོང་བ་དང་ཐུགས་ཀྱི་དགོང་དོན་རྣམས་ཆོས་བཞིན་འགྲུབ་པའི་རེ་སྨོན་དང་བཅས Song credit: Title : Ngour chon Dayangs Singer : ‪@sonamgyaltsonofficial‬ and ‪@padmadolkarofficial627‬ Lyric : ‪@ChepraYokma‬ and Naksal (Kumik) thupgyur Composed : ‪@tundornubra1318‬ (Gen Dorjey) Recording studio -Dhayang studio (ladakh) Music : sager Sharma studio (delhi) Edited : ‪@NomadLadakh‬ Special thank : Skyabje Kundeling Rinpoche and Dorjey stakmo special thanks to all sponsor Lyric ༄༅ ། བྱམས་དང་བརྩེ་བའི་རང་གཟུགས་ང་ཡི་རྩ་བའི་བླ་མ། འདི་དང་ཕྱི་མའི་གཏེར་མཛོད་༧རྗེ་བཙུན་བློ་བཟང་ཚུལ་ཁྲིམས། ཧུན་མེད་འབྲལ་བའི་ཉི་ཟེར་ལགས་མོ། བསམ་ཏེ་བསམ་ཏེ་མིག་ཆུ་ཡང་ཡང་ཤོར།། རྩ་བའི་བླ་མ་ མྱུར་དུ་མཇལ་བའི། གསོལ་བ་སྨོན་ལམ་སྙིང་ནས་ཞུ་ཡིན་ཡོད།། ༢༽ ཤེས་བྱའི་ཡོན་ཏན་ཀུན་གྱི་ཕྱུག་པོའི། དམ་པ་ཡོངས་ཀྱི་མིག་གི་རྒྱན་ཏུ་མཛེས། གདུལ་བྱའི་དོན་དུ་བསམ་བཞིན་སྐྱེ་བ་བཞེས། སྔོན་མེད་འབྲལ་བའི་བུ་འགག་ང་བཟོད། རྩ་བའི་བླ་མ་ མྱུར་དུ་མཇལ་བའི། གསོལ་བ་སྨོན་ལམ་སྙིང་ནས་ཞུ་ཡིན་ཡོད།། ༣༽ བསྟན་ལ་རབ་བྱུང་ཐོས་བསམ་ཐར་ཕྱིན། ལྷ་རམས་དང་པོའི་མཚན་རྟགས་བཞེས་མཛད། མཁས་མང་ཁྲོད་ནས་ཀུན་གླིང་ཡོངས་གསོལ། ༧རྒྱལ་བ་ཐུགས་ཀྱི་དགྱེས་རྒྱུད་པའི་བླ་མར་གསོལ། རྩ་བའི་བླ་མ་ མྱུར་དུ་མཇལ་བའི། གསོལ་བ་སྨོན་ལམ་སྙིང་ནས་ཞུ་ཡིན་ཡོད།། ༤༽བྱམས་དང་སྙིང་རྗེ་རང་གཟུགས་ང་ཡི་རྩ་བའི་བླ་མ། མང་ཡུལ་ལ་དྭགས་པ་ཡི་ངོམས་པའི་དཔལ་རྔམས་ཅན་ཞིག་ཡིན། ཉིན་ཚན་དབྱེར་མེད་འགྲོ་དོན་མཛད་པས། ཡིད་བཞིན་ནོར་བུའི་ཐུགས་ཀྱི་རྒྱན་དུ་འགྱུར། རྩ་བའི་བླ་མ་ མྱུར་དུ་མཇལ་བའི། གསོལ་བ་སྨོན་ལམ་སྙིང་ནས་ཞུ་ཡིན་ཡོད། ༥༽ ཟངས་དཀར་མི་མངས་བསོད་བདེ་ཅན་ཞིག དེ་རིང་འབྲས་བུ་དངོས་སུ་སྨིན་སོང་། སྟོང་བདེ་དགོན་དུ་དམར་གདུང་མཆོད་རྟེན། དངོས་སུ་བྱོན་པ་ང་དང་བྱིན་རླབས་ཆེ། རྩ་བའི་བླ་མ་ མྱུར་དུ་མཇལ་བའི། གསོལ་བ་སྨོན་ལམ་སྙིང་ནས་ཞུ་ཡིན་ཡོད།། །། ::::: All right reserved upload to another website and reupload ro another channel without permission is strictly prohibited , : : : #newladakhisong #ladakhsong2023#tibetan #newladakhisong2023 #ladakhsong #zangker #himalayas #ladakh #leh #india #ladakhtrip #lehladakh #travel #travelphotography #incredibleindia #nature #ladakhtrip #photography #travelgram #nubravalley #wanderlust #adventure #himachal #manali #kargil #jammu #royalenfield #pangonglake #instagram #roadtrip #himachalpradesh #khardungla #jammuandkashmir

Comments