Русские видео

Сейчас в тренде

Иностранные видео


Скачать с ютуб གསེར་མདོག་ཅོད་པན་འཆང་བའི་སྐྱབས་རྗེ་ལྡན་མ་བློ་ཆོས་རིན་པོ་ཆེས་དགའ་ལྡན་ལྷ་བརྒྱ་བཀའ་རྒྱ་མའི་ཁྲིད། དང་པོ། в хорошем качестве

གསེར་མདོག་ཅོད་པན་འཆང་བའི་སྐྱབས་རྗེ་ལྡན་མ་བློ་ཆོས་རིན་པོ་ཆེས་དགའ་ལྡན་ལྷ་བརྒྱ་བཀའ་རྒྱ་མའི་ཁྲིད། དང་པོ། 4 года назад


Если кнопки скачивания не загрузились НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием, пожалуйста напишите в поддержку по адресу внизу страницы.
Спасибо за использование сервиса savevideohd.ru



གསེར་མདོག་ཅོད་པན་འཆང་བའི་སྐྱབས་རྗེ་ལྡན་མ་བློ་ཆོས་རིན་པོ་ཆེས་དགའ་ལྡན་ལྷ་བརྒྱ་བཀའ་རྒྱ་མའི་ཁྲིད། དང་པོ།

སྐྱབས་རྗེ་ཕ་བོང་ཁ་མཛད་པའི་ཟབ་ལམ་དགའ་ལྡན་ལྷ་བརྒྱ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་སྙན་བརྒྱུད་ཞལ་ཤེས་ལྷུག་པར་བཀོད་པའི་མན་ངག་རིན་ཆེན་གཏེར་གྱི་བང་མཛོད་འདི་ཉིད། རྒྱུན་འཁྱེར་རྟག་པར་འདི་ཁོ་ན་ལྟར་ཡོངས་རྫོགས་ནག་འགྲོས་ཉམས་སུ་ལེན་པར་མི་ནུས་ཀྱང་། གཞི་འདི་ཐོག་ནས་རང་གི་ནུས་པ་དང་ཁོམ་མིན་ལ་བསྟུན་པའི་རྒྱས་བསྡུས་བརྐྱང་བསྐུམ་གྱིས་ཉམས་སུ་ལེན་ཚུལ་གྱི་མན་ངག་རྣམས་ཀྱང་ཤེས་པར་བྱའོ།། ༈ སྐྱབས་རྗེ་ལྡན་མ་བློ་ཆོས་རིན་པོ་ཆེའི་རྣམ་ཐར་སྙིང་བསྡུས། ཞབས་པད་གསེར་གྱི་ཁྲི་ལ་བཀོད་པ་ནས།། བསྟན་པའི་བྱ་བ་ཇི་ལྟར་མཛད་པའི་ཚུལ།། སྐལ་ལྡན་གདུལ་བྱ་དག་གིས་ལྟ་བདེ་ཆེད།། ལོ་ཚིགས་མུ་ཏིག་ཕྲེང་བཟང་འདི་ན་སྤེལ།། ཕྱི་ལོ(༡༩༢༨)ཟླ་བ(༨)ཚེས(༣)ཉིན་ཁམས་སྒ་ཡུལ་འགུལ་གཡས་གྲོང་གི་དཔོན་ཚང་དུ་ཡབ་དངོས་གྲུབ་རིག་འཛིན་དང་། ཡུམ་བདེ་མཚོ་བཟང་མོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་དྲུག་ལ་སོན་སྐབས་པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་གིས་མཁས་པའི་དབང་པོ་ཆོས་དབྱིངས་རྒྱ་མཚོ་མཆོག་གི་ཡང་སྲིད་དུ་ངོས་འཛིན་གནང་། དགུང་ལོ་བཅུ་ལ་ཕེབས་སྐབས་སྤུག་བླ་མཆོག་སྤྲུལ་བློ་བཟང་ཐུབ་བསྟན་གྱི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས། ཕྱི་ལོ(༡༩༣༨)ལོར་དཔལ་ལྡན་འབྲས་དཀར་སྤུངས་པའི་ཡ་གྱལ་མཁས་མང་བློ་གསལ་བྱེ་བའི་གླིང་གི་གྲྭ་ཚང་དུ་ཆོས་ཞུགས་མཛད་དེ། ཚོགས་ཆེན་སྤྲུལ་སྐུའི་མཚན་གནས་ཡང་བཞེས། དེ་ནས་མཁས་པའི་དབང་པོ་ལྡན་མ་སྟོང་དཔོན་རིན་པོ་ཆེ་གཙོ་བོར་གྱུར་པའི་མཁས་པ་དང་གྲུབ་པའི་སྐྱེས་བུ་དམ་པ་དུ་མ་ཞིག་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པའི་སྒོ་ནས་གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་ཀྱི་དབང་ལུང་ཁྲིད་གསུམ་སོགས་གསན་བསམ་སློབ་གཉེར་ཕུལ་དུ་བྱུང་བ་གནང་། ཕྱི་ལོ(༡༩༤༦)ལོར་སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་བཞེས། དགུང་ལོ་ཉི་ཤུ་རྩ་ལྔ་ཕྱི་ལོ་(༡༩༥༣)ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་སུ་གདན་ས་གསུམ་གྱི་དགེ་འདུན་སྟོང་ཚོ་མང་པོའི་དབུས་སུ་དགེ་བཤེས་ལྷ་རམས་པའི་མཚན་བཏགས་ཀྱི་དམ་བཅའ་འགྲན་ཟླ་བྲལ་བ་གནང༌སྟེ། ལྷ་རམས་པའི་མཚན་གནས་ཨང་དང་པོ་ཐོབ། དེའི་རྗེས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཕེབས་ནས་གསང་སྔགས་གཞུང་ལ་སློབ་གཉེར་དཔྱིས་ཕྱིན་པར་གནང་སྟེ་སྔགས་རམས་པའི་མཚན་གནས་བཞེས། ཕྱི་ལོ(༡༩༥༨)ལོར་སྨད་རྒྱུད་གྲྭ་ཚང་གི་དགེ་བསྐོས་ཡང་གནང་ཟིན། ཕྱི་ལོ་(༡༩༥༩)ལོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས། ཕྱི་ལོ(༡༩༦༧)ལོར་མ་ནཱ་ལི་དགའ་ལྡན་ཐེག་མཆོག་གླིང་གི་མཁན་པོ་གནང་། ཕྱི་ལོ(༡༩༨༥)ལོར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་གནང་། སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་དང་བློ་གསལ་གླིང་གི་མཁན་པོའི་གོ་གནས་མ་བཞེས་པར་བསྟན་པ་སྤྱི་དང་འགྲོ་བ་ཡོངས་ལ་ཕན་རླབས་ཆེ་བའི་མཛད་བཟང་བསྐྱངས། དགུང་ལོ་བརྒྱད་ཅུ་གྱ་དྲུག་བཞེས་ཏེ། ཕྱི་ལོ(༢༠༡༤)ཟླ(༡༠)ཚེས(༢༣)ཉིན་གྱི་ཕྱི་དྲོ་ཆུ་ཚོད་(༣)སྐར་མ(༣༣)ཙམ་ལ་བཞུགས་སྒར་རྡ་རམ་ས་ལའི་གཟིམ་ཆུང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ། མདོར་ན། ངེས་པ་དོན་གྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱབས་རྗེ་ལྡན་མ་བློ་ཆོས་རིན་པོ་ཆེ་ནི་འཇིག་རྟེན་ཆོས་བརྒྱད་ཀྱི་གཡའ་དྲི་མི་བྲོ་ཞིང་། ཚད་ལྡན་གྱི་རྩ་བརྒྱུད་བླ་མ་མང་པོའི་སྨིན་བྱེད་ཀྱི་དབང་། བརྒྱུད་པའི་ལུང་། གྲོལ་བྱེད་ཀྱི་ཁྲིད། གསང་བའི་མན་ངག་སོགས་ཀྱི་རྩི་ཟིན་པ། བྱིན་རླབས་ཀྱི་དྲོད་མ་ཡལ་བ། ཁས་བླངས་པའི་དམ་ཚིག་སྡོམ་པ་རྣམས་སྤྱན་གྱི་འབྲས་བུ་བཞིན་དུ་གཅེས་པར་བཟུངས་ནས། མཁས་བཙུན་བཟང་གསུམ་གྱི་མཛད་པ་འཕྲིན་ལས་རྨད་དུ་བྱུང་བ་སྐུ་ཚེ་དང་མཉམ་པར་མཛད། ཁྱད་པར་དུ་རྗེ་ཙོང་ཁ་པ་ཆེན་པོས། ལྷུན་པོའི་དྲུང་ན་གསེར་རི་ལྟ་བུར་གནས། །འགྲན་ཟླ་མེད་པའི་དགེ་ལེགས་ཁྱོད་ལ་སྦྱིན། །ཞེས་གསུངས་ལྟར། སངས་རྒྱས་བསྟན་པ་སྤྱི་དང་། ཡང་སྒོས་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ཕ་ཆོས་ཐུན་མོང་མ་ཡིན་པ་དགེ་ལྡན་སྙན་བརྒྱུད་ཀྱི་གདམས་ངག་དང་བཅས་པའི་མཛོད་ལ་དབང་འབྱོར་བའི་མཐུས། སྤང་རྟོགས་ཀྱི་ཡོན་ཏན་རྩེར་སོན་པའི་སྐྱེས་ཆེན་དམ་པ་དགེ་ལྡན་ཁྲི་པ། ཤར་བྱང་གི་ཆོས་རྗེ། མཁན་ལས་ཟུར། རྒྱལ་སྲས་བླ་སྤྲུལ། བཀའ་རབས་དགེ་བའི་བཤེས་གཉེན་སོགས་ཆེད་དུ་བྱ་བའི་གདུལ་བྱ་གཙོ་བོར་གྱུར་པའི་འཛམ་གླིང་ཡུལ་གྲུ་གང་སར་གྱི་སེར་སྐྱ་ཁྲི་ཕྲག་མང་པོ་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་སྟོབས་ཀྱིས་རིན་པོ་ཆེ་འདི་ཉིད་སྐལ་ལྡན་གདུལ་བྱ་རྣམས་ཀྱི་མཆོད་པའི་རྟེན་དུ་གྱུར་ཏོ།། ༼རིན་པོ་ཆེའི་རྣམ་ཐར་དད་གསུམ་པདྨོ་འབྱེད་པའི་ཉིན་བྱེད་ལ་བསྟུན་ནས་བྲིས།༽ ངའི་ངོ་དེབ། https://www.facebook instagram https://instagram.com #Tibetansong

Comments