Русские видео

Сейчас в тренде

Иностранные видео


Скачать с ютуб སྤྱི་འཐུས་རྣམ་རྒྱལ་སྒྲོལ་དཀར་ནས་དབུ་མའི་ལམ་ལ་འཁྱོགབཤད་བྱེད་པ། в хорошем качестве

སྤྱི་འཐུས་རྣམ་རྒྱལ་སྒྲོལ་དཀར་ནས་དབུ་མའི་ལམ་ལ་འཁྱོགབཤད་བྱེད་པ། 1 год назад


Если кнопки скачивания не загрузились НАЖМИТЕ ЗДЕСЬ или обновите страницу
Если возникают проблемы со скачиванием, пожалуйста напишите в поддержку по адресу внизу страницы.
Спасибо за использование сервиса savevideohd.ru



སྤྱི་འཐུས་རྣམ་རྒྱལ་སྒྲོལ་དཀར་ནས་དབུ་མའི་ལམ་ལ་འཁྱོགབཤད་བྱེད་པ།

2023/02/04    • གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་དགོས་ཚུལ།   ༄༅། ། ངེས་པར་བོད་མི་ཚོས་ཡང་ནས་ཡང་དུ་མཇལ་དགོས་པའི་རིན་བྲལ་བཀའ་སློབ། འདས་པའི་དུས་རབས་ཉི་ཤུ་པའི་ནང་འཛམ་གླིང་ཁྱོན་ཡོངས་ལ་འཚེ་བ་དང་མི་གསོད་ཁྲག་སྦྱོར་གྱིས་བརྡབ་གསིག་ཅི་ཙམ་བཟོས་ཡོད་མེད། དེང་ཚན་རིག་གོང་འཕེལ་གྱིས་འཕྲུལ་ལས་ཉིན་བཞིན་ཡར་རྒྱས་དང་འཚོ་བར་མཐུན་རྐྱེན་ཆད་མེད་ཡོང་གི་ཡོད་ཀྱང་། འཚེ་བ། མི་གསོད་ཁྲག་སྦྱོར། འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག དྲང་བདེན་རྩིས་མེད། ཁེ་ཕན་གཡོ་ཚོང་གི་ཁྲོམ་རྭ་ཤུགས་ཆེ་དར་ནས་ཆེ་བ་རྒྱལ་ཁབ་དང་ཆུང་བ་ཁྱིམ་ཚང་ཡན་ལ་དགོས་མཁོའི་བདེ་སྐྱིད་ཀྱིས་འདང་གི་མེད་པ་གསལ་པོ་ཆགས། མཁས་དབང་དང་ཚན་རིག་པ་སོགས་ཀྱིས་ཀྱང་གནད་དེ་ཁས་ལེན་གཅིག་གྱུར་གནང་གི་ཡོད་པས། དཀའ་ངལ་དེ་འདྲ་ཞིག་འདུག་ཅེས་སྡུག་སྐད་བརྒྱབས་ཏེ་སྡོད་རྒྱུ་གཅིག་པུས་མི་ཡོང་སྟབས། རྒུད་པ་ཐམས་ཅད་ཀྱི་རྩ་བ་གསོ་བའི་ཐབས་ལམ་གོང་ན་མེད་པ། བྱམས་བརྩེ་དང་སྙིང་རྗེ་གོང་སྤེལ་གྱི་ཤེས་ཡོན་འཛུགས་བསྐྲུན་བརྒྱུད་འཇིག་རྟེན་ཡོངས་ལ་ཕན་བདེ་བསྐྲུན་རྒྱུར་བོད་མི་རིགས་གཅིག་པུ་ལས་ཞབས་འདེགས་ནུས་པ་གཞན་མེད་པའི་གནས་བབ་གཟིགས་ཏེ། སྙིང་ན་ན་སྦྲིད་སྨན་སྟེར་བ། འདོད་ཐོག་ཏུ་མ་སོང་བས་ཁོང་ཁྲོ་སྟོན་པ། ཕུགས་སྨན་འཆར་གཞི་མེད་པར་འཕྲལ་མངོན་སྐད་ལོག་རྒྱག་པ་ལྟ་བུའི་འུ་ཐུག་ཐབས་ཟད་ཀྱི་རྣམ་པ་ལས་ལྡོག་སྟེ། ན་ཚའི་རྐྱེན་རྩ་བཅོས་ཐབས་སྟོན་པའི་རླབས་ཆེན་དགོངས་གཞི། ཆོས་ཁས་ལེན་མིན་གཉིས་ཀར་ཁྱབ་པ་འདི་ལས། འུ་ཅག་བོད་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་སྒྲུབ་བྱའི་སྙིང་པོ་ཆོས་རིག་གི་ཁྱད་ཆོས་དང་། བོད་མི་ཚོར་འཇིག་རྟེན་ཡོངས་ལ་འཁྲི་ལ་འགན་ཁུར། དེ་བཞིན་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུའང་དེ་བསྟུན་གྱི་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་དགོས་པའི་རྒྱུ་མཚན་གཏིང་ཟབ་རྣམས་ཡིད་ལ་འཁོར་ཞིང་ངེས་ཤེས་འདྲོངས་པ་ཞིག་ཡོང་པས། ཆོས་ཕྱོགས་ནས་རང་གི་སྐྱབས་ཡུལ་གྱི་ཡོན་ཏན་ཤེས་ནས་སྐྱབས་སུ་འགྲོ་བའི་ཚུལ་ལ་རང་སྲོག་གཏོང་དགོས་ཀྱང་སྐྱབས་ཡུལ་མི་འདོར་བ་བཞིན། སྲིད་ཕྱོགས་ནས་ཡིད་ཆེས་ངེས་པ་རྙེད་པའི་སྲིད་བྱུས་ཀྱི་ཚུལ་ལ་བསམ་སྐབས་རྒྱུ་མཚན་རང་སྟེང་ནས་སྤོབས་པ་དགུང་དུ་འཕྱུར་ཞིང་། ངེས་ཤེས་བྲག་ལས་བརྟན་པའི་ཚོར་བ་ནོན་མི་ཐུབ་པ། གཡོ་མེད་ཞི་གནས་ཐོབ་པ་ལྟ་བུ་ཞིག་ཡོང་བ་ནི་རྒྱབ་ལྗོངས་རྒྱུ་མཚན་ཡང་དག་པ་འདི་དག་ལས་བྱུང་བ་ཡིན་པས། བོད་མི་ཚོས་ཡང་ནས་ཡང་དུ་མཇལ་དགོས་པ་ཧ་ཅང་གལ་ཆེ་བར་མཐོང་བས་འདིར་བཀོད་པའོ།། ཤར་ཕྱོགས་པས་སོ།།

Comments